72507

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ་ (1)
Part of speech མིང་ཚིག
Definition ཁྱད་པར་བརྗོད་པའི་རྒྱན་གྱི་ནང་གསེས་དང་པོ་སྟེ། བརྗོད་འདོད་ཀྱི་དངོས་པོ་གང་ཞིག་ལ་ཉེ་བར་མཁོ་བའི་རང་གི་ཡོན་ཏན་གྱི་ཆ་ལག་མ་ཚང་ཡང་དངོས་པོ་དེའི་བྱེད་ལས་ཁྱད་པར་དུ་འཕགས་པ་སྟོན་པ་ཞིག་ལ་ཟེར།
Example བོད་མཁས་པས། ཚངས་པར་སྤྱོད་ལྡན་ཁྱོད་ཀྱི་བླ་གོས་ནི། །མཁྲེགས་མིན་སྲ་བ་མ་ཡིན་མཐུག་པའང་མིན། ། དེ་ལྟ་ན་ཡང་མེ་ཏོག་གཞུ་ཅན་གྱིས། །མཚོན་ཆར་ཅི་ཙམ་ཕབ་ཀྱང་བརྫི་མ་ལགས། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག