72515
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པ་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བ་སྟེ། ༡ འདི་ལྟར་གཟུགས་དང་། མཚན་དང་། དཔེ་བྱད་བཟང་པོ་སྣ་ཚོགས་ཀྱིས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། ༢ འོད་དང་འོད་ཟེར་གྱི་དྲ་བ་རབ་ཏུ་འགྱེད་པ་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། ༣ རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་། སྤྲུལ་པ་སེམས་ཅན་འདུལ་བའི་ཚུལ་བཞིན་དུ་སྟོན་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། ༤ ལུས་ཚད་མེད་པ་དང་། ཁ་དོག་མཐའ་ཡས་པ་དང་། དབྱངས་ཐམས་ཅད་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། ༥ སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བྱིན་གྱིས་རློབ་ཅིང་སེམས་ཅན་གྱི་ལས་དང་སྤྱོད་པ་ཇི་ལྟ་བ་བཞིན་དུ་རྣ་པར་དམིགས་པ་ཡང་དག་པར་སྟོན་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། ༦ སེམས་ཅན་ཐམས་ཅད་ཀྱི་ཐ་སྙད་གཟུངས་དམ་པས་འཛིན་པའི་མཐུ་དང་། དྲན་པ་ཉམས་པ་མེད་པའི་མཐར་ཐུག་པར་གནས་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། ༧ ཐ་དད་པར་ཤེས་པ་ཡང་དག་པར་ཤེས་པ་མི་ཟད་པས་སེམས་ཅན་གྱི་སྒྲ་སྐད་ཤེས་པས་སྟོན་ཅིང་། ཆོས་ཀྱི་འཁོར་ལོ་བསྐོར་བས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། ༨ མི་འཇིགས་པས་བག་ཚ་བ་མེད་པ་སེེང་གེ་ང་རོ་སྒྲོག་ཅིང་། ཆོས་དང་མཐུན་པར་སེམས་ཅན་ཐམས་ཅད་ཁོང་དུ་ཆུད་པར་བྱེད་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། ༩ དུས་གསུམ་གྱི་ཚིག་གི་ལམ་ལ་འཇུག་པ་སྐད་ཅིག་གི་མཐར་འཇུག་པར་བྱེད་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། ༡༠ སངས་རྒྱས་ཀྱི་སྟོབས་དང་དེ་བཞིན་གཤེགས་པའི་ཡུལ་རྣམ་པར་ཕྱེ་བ་སེམས་ཅན་རྣམས་ལ་ཡང་དག་པར་སྟོན་པས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་པ་མཉམ་པའོ། ། |
| Domain | ཆོས་ལུགས། |