72541
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ནག་པོ་པའི་ཞབས་མ་ག་དྷར་གྲགས་པ་མཆོག་ཐོས་པས་མཛད་པའི་ཡོན་པོ་སྲོང་བའི་མན་ངག འདི་ཀཧྣི་པ་ཆུང་བས་ཡིན་ཅེས་པཎྜི་ཏ་རྣམས་ཟེར་གསུང་། གྲུབ་མཆོག་བུདྡྷ་གུཔྟ་ནཱ་ཐའི་ཞལ་སྔ་ནས་གཞུང་འདི། བྷ་བ་ནཱ་ཐའི་གླུ་དབྱངས་དང་འགྲེལ་པ་སྦྱར་བའི་བཤད་པ་མན་ངག་བཅས་གནང་བའི་སྐབས་སུ། ཏཱ་ར་ནཱ་ཐས་རྗེ་ཉིད་ལ་ཞུ་ཏིག་བྱས་ཀྱིན་བསྒྱུར། བསྟན་འགྱུར་རྒྱུད་ག་པར་བཞུགས། |