72575

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོལ་དོང་ཆོས་སྡེ་དགོན་ (1)
Part of speech མིང་ཚིག
Definition འབྲུག་པ་བཀའ་བརྒྱུད། ཡོལ་དོང་ཆོས་སྡེ་དགོན་འདི་ནི་བོད་དབུས་སྟོད་དིང་རིའི་ཡུལ། ཁ་དམར་གྲོང་རྡལ་གྱི་ཁོངས་སུ་ཆགས་ཡོད་ཅིང་། ཕྱག་འདེབས་པ་པོ་སུ་ཡིན་ཤེས་ཐུབ་མེད། ཐོག་མར་བོ་དོང་ལུགས་ཀྱི་དགོན་སྡེ་ཞིག་ཡིན་པར་གྲགས། དུས་ནམ་ཞིག་གི་ཚེ་དགོན་འདིར་རུམ་པོ་སངས་རྒྱས་ཞེས་པའི་བླ་མ་ཞིག་བཞུགས་ཏེ་ཆོས་ལུགས་ཀྱང་རྙིང་མ་བའི་ལུགས་སུ་མཛད། རིམ་བཞིན་༧སྐྱབས་རྗེ་སེང་བྲག་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ངག་དབང་ཆོས་ཀྱི་རྒྱལ་མཚན་སྐབས་དགོན་འདི་གའི་དགེ་འདུན་པ་རྣམས་སྐྱབས་རྗེ་གང་གི་ཞབས་པད་བསྟེན་ཅིང་། དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོའི་ཚུལ་དུ་ཞུས་པ་མ་ཟད་ཆོས་ལུགས་ཀྱང་འབྲུག་པ་བཀའ་བརྒྱུད་པའི་ལུགས་སུ་བསྒྱུར་ཏེ་ཆོ་ག་ཕྱག་ལེན་སོགས་འབྲུག་པ་བཀའ་བརྒྱུད་པའི་ལུགས་སུ་མཛད་པ་དང་། རིག་གནས་གསར་བརྗེའི་སྔོན་དུ་དགོན་འདིར་གྲྭ་བཙུན་བཅུ་གྲངས་ཙམ་ཡོད་པར་གྲགས། རིག་གནས་གསར་བརྗེའི་དུས་རྐྱེན་འོག་དགོན་འདི་ཉིད་ཀྱང་འཐོར་བརླག་ཏུ་སོང་སྟེ་མིང་གི་ལྷག་མ་ཙམ་དུ་འགྱུར་བ་མ་ཟད་དགེ་འདུན་པ་རྣམས་ཀྱང་རང་ཁྱིམ་དུ་ལོག་དགོས་བྱུང་ཡོད། བསྟན་པ་ཕྱི་དར་གྱི་སྐབས་སུ་དེ་སྔོན་དགོན་དེ་གའི་གྲྭ་རྒན་སྐལ་བཟང་ལགས་དང་། སྟོབས་ཆུང་ལགས། འཇིགས་མེད་ལགས། རྣམ་རྒྱལ་ལགས། བློ་བཟང་ལགས་བཅས་ཁོང་རྣམ་པའི་གྲོས་མཐུན་འོག་དད་ལྡན་མང་ཚོགས་རྣམ་པས་གཅིག་ཕན་གཅིག་རོགས་བྱས་ཏེ་ སྤྱི་ལོ་༡༩༨༧ལོ་ཙམ་དུ་ད་ལྟའི་དགོན་འདི་ཉིད་སླར་གསོ་མཛད། དེང་སྐབས་དགོན་འདིར་གྲྭ་བཙུན་བདུན་ཙམ་གྱིས་རྒྱ་ཆེའི་དད་ལྡན་རྣམ་པའི་འདོད་བློ་སྐོང་བཞིན་པ་བཅས་སོ། །

{{#arraymap:ཡོལ་དོང་ཆོས་སྡེ་དགོན་

|; |@@@ | | }}