72647

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ར་བ་བཞི་ (1)
Part of speech མིང་ཚིག
Definition ལོ་གཅིག་དུས་བཞིར་ཕྱེས་པའི་དུས་རེ་ལ་ཡོད་པའི་ཟླ་བ་གསུམ་གསུམ་གྱི་འགོ་མ་དག་སྟེ། དཔྱིད་ཟླ་གསུམ་གྱི་འགོ་མ་སྟག་ཟླ་དང་། དབྱར་ཟླ་གསུམ་གྱི་འགོ་མ་སྦྲུལ་ཟླ། སྟོན་ཟླ་གསུམ་གྱི་འགོ་མ་སྤྲེལ་ཟླ། དགུན་ཟླ་གསུམ་གྱི་འགོ་མ་ཕག་ཟླ་བཅས་བཞི་ཡིན། བརྩི་བྱ་སུ་ཞིག་གི་རང་སྐྱེས་ཟླ་བ་ར་བ་འདི་བཞིར་གཏོགས་ན་སྲོག་མ་ལ་གཟན། ལུས་ཕ་ལ་གཟན། དབང་ཐང་ནོར་ལ་གཟན། ཁ་རྗེ་དང་ལུས་སེམས་སྟོབས་ཆེ། མི་སྟོང་རྟ་སྟོང་འཇལ་དགོས་འབྱུང་། ཚེ་སྨད་དུ་སྐྱིད་ཀྱང་ཚེ་སྟོད་ཁ་སྨྲས་མང་བས། བཅོས་སུ་སེམས་ཅན་ཚེ་ཐར་ལ་གཏོང་བ་དང་། སྲོག་བསླུ་བྱེད་པ། བཀྲ་བརྩེགས་དང་གཟུངས་བསྡུས་འདོན་པ་བཅས་བྱ་དགོས།
Domain རྩིས་རིག