72680
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷ་སའི་གྲོང་ཁྱེར་དུ་ཡོད་པའི་ལྷ་ཁང་རྙིང་པ་ཞིག་སྟེ། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་རྒྱ་བཟའ་ཀོང་ཇོས་རྒྱ་ནག་གི་ལྷ་ཁང་གི་བཟོ་བཀོད་དང་མཐུན་པར་སྒོ་འཕར་ཤར་ཕྱོགས་སུ་བསྟན་ཏེ་བཞེངས་ནས་བར་སྐབས་མེ་སྐྱོན་ཐེངས་འགའ་ཤོར་བའི་རྐྱེན་གྱིས་རྒྱ་ལུགས་ཀྱི་ཁང་དབྱིབས་ཞིག་ཚབ་བོད་ཁང་གི་རྣམ་པ་གསར་བསྐྲུན་གྱིས་རྟེན་གཙོར་བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་དུ་བྱུང་བའི་སངས་རྒྱས་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་པའི་སྐུ་ཚད་དང་མཚུངས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ་གཙོ་འཁོར་རྣམས་བཞུགས་ཤིང༌། ཕྱིས་སུ་གཙུག་ལག་ཁང་འདི་ནི་རྒྱུད་སྟོད་དགེ་འདུན་གྱི་ཚོགས་ཁང་དུ་གྱུར་ཡོད། |