72685

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ར་མོ་ཤེལ་སྨན་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ནང་ཡར་སྟོད་ར་མོ་སྨན་ཆུར་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རྫོགས་པ་ཆེན་པོའི་ཆོས་ལ་ཐུགས་གཞོལ་ཏེ་རིམ་བཞིན་ཐོས་བསམ་དཔྱིས་ཕྱིན་པར་འཛད། སྨན་ཆུའི་རྫོང་བྲག་རིའི་ཕུག་པ་ནས་བླ་རྫོགས་ཐུགས་གསུམ་དང༌། གསོ་བ་རིག་པ། སྐར་རྩིས་སོགས་ཀྱི་སྐོར་སྣ་ཚོགས་གཏེར་ནས་བཏོན་ཏེ་འགྲོ་དོན་བསྐྱངས། གསང་སྨན་སོགས་ཆུ་བཅོས་ཀྱི་སྐོར་དང༌། འབམ་བཅོས་སྨན་དཀར་སྨན་ནག་སོགས་ལ་མན་ངག་ཁ་ཚར་དང་བཅས་མཛད་པས་ད་ལྟའི་བར་དུ་ཕྱག་ལེན་མ་ཉམས་པར་མཆིས།