72689

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ར་ཙི་དགོན་དགའ་ལྡན་ཆོས་འཁོར་གླིང་ (1)
Part of speech མིང་ཚིག
Definition ཀླུ་ཆུ་བླ་མ་སྐལ་བཟང་ཡེ་ཤེས་ཀྱིས་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༨༠༠ ལོར་མདོ་སྨད་ཐེ་བོ་ལྡོང་རུ་ཁོག་ཏུ་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན། སྔར་དགོན་པ་འདིར་གྲྭ་རྒྱུན་ཉིས་བརྒྱ་ལྷག་རྒྱུན་བཞུགས་གནང་མུས་ཡིན་ཞིང་། འདི་ནས་གྲྭ་རྒྱུན་མང་པོ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དང་། དབུས་ཀྱི་སེ་འབྲས་དགེ་གསུམ་སོགས་སུ་སློབ་གཉེར་དུ་ཕེབས། ཐེ་བོ་ཨ་ཁུ་དཀོན་མཆོག་སོགས་ཀྱིས་མཚོན་པའི་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་དབང་མང་དུ་བྱོན། བར་སྐབས་དུས་འགྱུར་གྱི་དབང་གིས་དགོན་པའི་ཤུལ་ཙམ་ཡང་ལྷག་མེད་དུ་གྱུར་ནའང་། ཀླུ་ཆུ་བླ་མ་སྐལ་བཟང་ཡེ་ཤེས་ཀྱི་ཡང་སྤྲུལ་སྐྱབས་རྗེ་ལྡོང་རུ་ཚང་སྐུ་ཕྲེང་ལྔ་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་མཆོག་ནས་ད་སྐབས་དགོན་པ་ཉམས་གསོ་མཛད་གནང་ཡོད།