72696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ར་ཚ་རི་ཁྲོད་ (1)
Part of speech མིང་ཚིག
Definition ར་ཚ་རི་ཁྲོད་ནི་ཕྱི་ལོ་༡༥༣༠ཡི་གོང་ནས་སྟག་ཤམ་པའི་བླ་མ་ཞིག་གིས་བཏབ། ཕྱིས་སུ་མཁར་དྲུང་བསོད་ནམས་བཀྲ་ཤིས་ཀྱི་སྲས་སྟག་ལུང་མར་ཐང་གི་ཁྲི་རབས་བཅུ་པ་ཆོས་རྗེ་མཚོ་སྐྱེས་རྡོ་རྗེའི་སྐབས་རྙིང་མ་གྲྭ་ཚང་གསང་སྔགས་བདུད་འདུལ་གླིང་གི་དགོན་ཁུང་དུ་བཙུད་ནས་རི་ཁྲོད་རེ་བ་བཞི་ཡི་གྲལ་རེད་ཅེས་སྔོན་རྒན་རབས་རྣམས་ནས་བཤད་སྲོལ་འདུག ཆོས་བརྒྱུད་ནི་རྙིང་མ་ཡིན། དུས་འགྱུར་སྐབས་འཐོར་ཞིག་ཏུ་སོང་ནས་རི་ཁྲོད་ཁ་ཞེས་ས་མིང་ཙམ་ལས་མ་ལྷག དེ་ནས་ཆོས་རྗེ་རྗེ་དྲུང་འཇམ་དཔལ་ལུང་རྟོགས་མཆོག་གིས་བཀའ་ལྟར་བླ་རྒན་བཀྲ་ཤིས་རབ་རྒྱས་ཀྱིས་གདན་ས་བཟུང་ནས་ལོ་ཤས་སོང་། ཆོས་སྒོ་ཅུང་ཙམ་ཕྱེས་པ་ནས་བཟུང་བླ་རྒན་བཀྲ་ཤིས་རབ་རྒྱས་མཆོག་ནས་འདུ་ཁང་ཆུང་ཆུང་ཞིག་གསར་དུ་བཞེངས་ནས། རི་དགོན་གྱི་བླ་སྤྲུལ་རྣམས་དང་མཆོག་སྤྲུལ་པད་རྣམ་རིན་པོ་ཆེ་གཙོས་གྲུབ་མཐའ་རིས་མེད་ཀྱི་བླ་མ་དང་། ཁྱད་པར་རྗེ་སྲས་རྣམ་གཉིས་སོགས་བླ་གྲྭ་རྣམས་གདན་འདྲེན་ཞུས་ནས་བཀའ་བརྒྱད་དང་དགོངས་འདུས་ཕུར་པ་ཐུགས་སྒྲུབ་རྣམ་གཉིས་པདྨ་གསང་ཐིག་སོགས་རེས་མོས་ཀྱི་ལོ་རེ་བཞིན་སྒྲུབ་ཆེན་རྣམས་བར་མ་ཆད་པ་དང་། དུས་རྒྱུན་ཚེས་༡༠ཉེར་ལྔ་དང་བདེ་ཆེན་ཞིང་སྒྲུབ་སྙུང་གནས་སོགས་འཚོགས་བཞིན་ཡོད། ཆོས་བརྒྱུད་ཀཿཐོག་ཡིན།