72728

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ར་ལི་སྟོད་པ་སྨོན་འདུན་དགོན་ (1)
Part of speech མིང་ཚིག
Definition ར་ལི་སྨོན་འདུན་ནི། ལྕགས་ལུང་འབྲིག་པ་སྟེ། པདྨ་འཇིགས་མེད་ཆོས་དབང་དང་རོང་ཐ་ཨ་བསོད་སྐུ་མཆེད་ཡན། བདེ་ཆ་དགོན་པ་ཡིན། རབ་བྱུང་བཅོ་ལྔ་པའི་སྨད་ལ་རྒྱས་སྲས་རྡོ་རྗེ་མགོན་པོའི་ཡང་སྲིད་སྐལ་བཟང་གིས་དགོན་པ་གསར་དུ་སྤོས་བས་འབྲོག་པ་རྣམས་ཐག་རིང་བ་སོགས་ཀྱི་རྐྱེན་ལས་དགོན་པ་ལོགས་སུ་བྱས། ཀོ་ཤིས་ཀུན་བསོད་ཀྱི་སློབ་མ་སྨུག་རོང་རིག་འཛིན་དོན་འགྲུབ་ཀྱིས་གསར་འདེབས་མཛད་ནས། ཆོས་བཀའ་སྤྱི་དང་ཤར་གཏེར་གྱི་ཆོས་སྐོར་རྣམས་ལ་འཆད་ཉན་དང་སྒོམ་སྒྲུབ་མཛད་པའི་བླ་སེར་མང་པོ་བྱོན། ཁྱད་པར་དུ་བྱ་བཏང་ཐམས་ཅད་ཀྱི་རྒྱལ་པོ་བླ་མ་ཨོ་རྒྱན་རིག་འཛིན་བྱོན་ནས། སྐུ་ཚེ་གང་པོ་རྒྱུན་བཞུགས་མཛད་ནས་སྐལ་ལྡན་རྣམས་རྗེས་སུ་བཟུང་། མི་སྐྱ་ཐམས་ཅད་ལ་སྨྱུང་གནས་དང་། མ་ཎི་རྒྱུན་འདོན་བྱེད་དུ་བཅུག བར་སྐབས་ཕྱི་ནང་གི་འགལ་རྐྱེན་མང་པོ་ལ་བརྟེན་ནས་ཡུལ་སྡེ་ཁག་གཉིས་སུ་གྱེས། ར་ལི་སྟོད་པ་དང་སྨད་མ་ཞེས་གཉིས་སུ་གྱུར་པ་ལས། སྟོད་པ་རྣམས་ཀྱི་སྔར་གྱི་ཤུལ་དུ་འདུ་ཁང་ནང་རྟེན་དང་བཅས་གསར་བཞེངས་བྱས། སྤྲུལ་རིན་པོ་ཆེ་རྒྱལ་ལོ་དང་། སྤྲུལ་རྡོར་པ། མཁན་ཚེ་རིང་དཔལ་འབྱོར་སོགས་ཀྱི་བསྟན་པའི་ཁུར་བཟུང་སྟེ་བསྟན་འགྲོ་ལ་སྨན་པའི་ལས་ལ་འབད་བཞིན་པའོ། །