72729
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་གླིང་གིས་བཏབ་པའི་བདེ་ཆ་དགོན་པ་ལ་རོང་འབྲོག་གཉིས་ཡོད་པ་ལས་འཕྲོས་པ་ཡིན། དེ་ཡང་སྤྲུལ་སྐལ་བཟང་གིས་དགོན་གསར་དུ་སྤོ་བས་འབྲོག་པ་རྣམས་སྨུག་རོང་རིག་འཛིན་དོན་འགྲུབ་ཀྱིས་ཐུགས་ཁུར་འོག་ར་ལི་དགོན་པ་ཞེས་ཟུར་དུ་བཏབ། འོན་ཀྱང་ཕྱི་ནང་ཉེར་འཚེ་ལ་བརྟེན་ནས་སྡེ་བ་གཉིས་སུ་གྱུར་ཏེ་ཨ་དཀོན་སྐོར་གྱི་སྡེ་བ་མི་ཉག་གི་ཡུལ་དུ་སྤོ་ནས་དགོན་པ་བཏབ་པ་ལ་ར་ལི་སྨད་དགོན་ཞེས་གྲགས། ཤར་གཏེར་གྱི་རིང་ལུགས་འཆང་ཞིང་དབྱར་གནས་དང་ཞིང་སྒྲུབ་སོགས་ཀྱི་སྒྲུབ་མཆོད་བཙུགས། འདུ་ཁང་ནང་རྟེན་དང་བཅས་གསར་བཞེངས་གནང་། |