72731
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། ཡར་ལུང་གོང་མ་ཆེན་པོའི་སྒོས་ལུང། ཞེས་བྱ་བ་སྟེ། གཏེར་གཞུང་ལས། དེ་ལྟར་རྣམ་ཐར་ལུང་རྫོགས་མ་ལུས་པ༔ བོད་ཁམས་སྤྱི་ལ་ཕན་ཕྱིར་ངེས་སྟོན་པ༔ མ་འོངས་དུས་ན་རཏྣ་གླིང་པ་ཞེས༔ ཨོ་རྒྱན་བདག་གི་ཐུགས་སྲས་དམ་པ་དེས༔ ཐུགས་གཏེར་འདི་ཉིད་མི་ཡུལ་སྣང་བའི་ཚེ༔ ཆོས་རྒྱལ་དེ་དང་རྟེན་འབྲེལ་ཤིན་ཏུ་འགྲིག༔ ཆོས་ཟབ་ཚེ་ན་བདུད་ཀྱི་འཕྲང་དམ་པས༔ དངོས་གྲུབ་འབྱུང་ཁམས་ལོག་ཤེས་བདུད་ཀྱིས་འགྱུར༔ དེ་ཕྱིར་རྟེན་འབྲེལ་ཤིན་ཏུ་བརྩེ་བ་གཅེས༔ མ་འོངས་ལས་ཅན་དེ་དང་འཕྲད་པར་ཤོག༔ ཅེས་ལུང་བསྟན་མཛད་པ་ལྟར། གཏེར་ཆེན་རཏྣ་གླིང་པས་དམྱལ་སྨད་དགེ་རིའི་བྲག་ནས་གདན་དྲངས་པའོ། །འདིའི་ནང་དོན་ལ། ཡར་ལུང་རྒྱལ་པོའི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སྐྱེ་ཕྲེང་དང་མཛད་ཕྲིན་བསྟན། |