72733

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ར་ས་ (1)
Part of speech མིང་ཚིག
Definition ར་ས་ཞེས་པ་ལྷ་སའི་མིང་རྙིང་དང་། སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཐོག་མར་ལྷ་ཁང་མ་བཞེངས་གོང་ལྷ་སའི་འོ་ཐང་གི་མཚོ་ཡོད་པ། ཕྱིས་སུ་ལྷ་ཁང་བཞེངས་འགོ་ཚུགས་པས་མཚོའི་དཀྱིལ་དུ་རྡོའི་མཆོད་རྟེན་བརྩིགས་ཏེ། དེའི་སྟེང་དུ་ཕྱོགས་བཞི་མཚམས་བརྒྱད་དུ་གདུང་མ་བསྣོལ་མར་བཏང་བ་དེའི་ཐོག་ཏུ་ར་མོ་ལ་ས་རྡོ་བཀལ་ནས་བསུབས་པར་བརྟེན་མཚོ་བསུབས་པའི་སྐམ་ས་དེ་ལ་ར་སའི་མིང་དུ་གྲགས་པ་ཡིན། མིང་ཆ་ཚང་ལ་ར་ས་འཕྲུལ་སྣང་ཞེས་ཟེར་ཞིང་། དེ་ལ་འཕྲུལ་སྣང་ནི། གཙུག་ལག་ཁང་ཡོངས་སུ་བཞེངས་ཚར་བའི་རྗེས་བལ་བཟའ་ཁྲི་བཙུན་གྱིས་རྒྱལ་པོ་གདན་དྲངས་ནས་གཟིགས་པར་ཕེབས། ལྷ་ཁང་གི་སྒོ་ཕྱེ་ནས་རྒྱལ་པོ་ནང་དུ་བྱོན་སྐབས་ས་མཐིལ་གྱི་ཞལ་ལ་ཆུའི་མདོག་ལྟ་བུ་དང་། སྟེང་ཕྱོགས་ཀྱི་གཟུགས་བརྙན་ཐམས་ཅད་དེ་ལ་ཤར་བ་ལ་གཟིགས་པས། རྒྱལ་པོའི་དགོངས་པར་སྔར་གྱི་མཚོ་འདི་བརྡོལ་འདུག་དགོངས་ནས་ནང་དུ་བྱོན་མ་ནུས་པ་དང་ཁྲི་བཙུན་གྱིས་སོར་གདུབ་ཕུད་དེ་གཏོར་བས། འཁྱག་ཐོག་ཁར་རྡེའུ་བསྐྱུར་བ་བཞིན་ཁྲོལ་གྱིས་སོང་བ་དང་། རྒྱལ་པོས་གཟིགས་པས་ཐུགས་ཡིད་ཆེས་ཏེ་ནང་དུ་བྱོན། དེར་ཁྲི་བཙུན་ལ་ཁྱེད་ཀྱི་ལྷ་ཁང་འདི་འཕྲུལ་དུ་སྣང་ངོ་ཞེས་གསུངས་པས། དེ་ནས་བཟུང་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཞེས་ཡོངས་སུ་གྲགས་པར་བཤད་དོ། །
ར་ས་ (2)
Part of speech མིང་ཚིག
Definition ཉམས།
Foreign རྒྱ་གར།