72742
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷ་ལྡན་གཙུག་ལག་ཁང་དང་། ལྷ་སའི་ཇོ་ཁང་ཞེས་གྲགས་པ་འདི་ནི་ལྷ་སའི་གྲོང་ཁྱེར་གྱི་ལྟེ་བར་ཆགས་ཡོད་པའི་ལྷ་ཁང་ཞིག་སྟེ། དུས་རབས་བདུན་པའི་དུས་དཀྱིལ་ས་མོ་ཕག་གི་ཕྱི་ལོ་༦༣༩ ཙམ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་རྒྱ་བཟའ་ཀོང་ཇོས་ས་དཔྱད་མཛད། བལ་བཟའ་ཁྲི་བཙུན་གྱིས་བསྐུལ་ནས་ཆོས་རྒྱལ་གྱིས་བཀོད་ཇུས་བཏང་ཐོག་བརྩིགས་པ་དང་། གཙང་ཁང་གི་སྒོ་ནུབ་ཕྱོགས་རྒྱ་གར་རྡོ་རྗེ་གདན་ལ་གཏད་ནས་བཏབ་པའི་འཁོར་ས་ཕྱི་ནང་སྟེང་ཤོད་ཁྱོན་ལ་ལྷ་ཁང་ཆེ་ཆུང་བདུན་ཅུ་ལྷག་ཙམ་ཡོད། དབུས་ཀྱི་རྟེན་གཙོར་རྒྱ་བཟའི་རྟེན་སྐལ་དུ་དྲངས་པ་སངས་རྒྱས་ཤཱཀྱ་ཐུབ་པ་དགུང་ལོ་བཅུ་གཉིས་པའི་ཚད་དང་མཐུན་པའི་ཇོ་བོ་ཤཱཀྱ་མུ་ནེ་དང༌། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར་མ་བཅས་ཀྱིས་མཚོན་གྲུབ་མཐའ་རིས་མེད་ཀྱིས་མཆོད་པའི་ལྷ་སྐུ་མང་པོ་དང་སྒོ་འཕྱོར་གྱི་མདུན་ཕྱོགས་སུ་རྒྱ་བོད་ཤན་སྦྱར་གྱི་ཡི་གེ་འཁོད་པའི་དབོན་ཞང་རྡོ་རིང་སོགས་ཡོད། རྗེས་སུ་གཙུག་ལག་ཁང་འདི་ལ་རྒྱལ་དབང་ལྔ་པའི་སྐུ་དུས་སུ། ཕྱི་ལོ་༡༦༤༢ ལོ་ནས་བཟུང་ཉམས་གསོ་རིམ་པ་མང་པོ་མཛད་ཡོད་པ་དུས་ཕྱིས་ཀྱི་ལོ་རྒྱུས་ཁག་གི་ནང་གསལ། |
| Domain | ལོ་རྒྱུས། |