72776

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རཀ་ར་སྐུ་ཕྲེང་གསུམ་པ་ངག་དབང་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཁོང་ནི་འབྲས་སྤུངས་སྒོ་མང་གི་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་ཁག་ལ་གསན་བསམ་དང། གསང་ཕུར་གྲྭ་སྐོར་མཛད། རྒྱལ་དབང་མཆོད་ཡོན་རྣམ་གཉིས་ཀྱིས་བླ་ཆེན་ལ་འོས་པའི་སྐྱ་དར་དང། དེ་མོ་རྒྱ་ཚབ་རིན་པོ་ཆེས་ཐམ་ཀའི་གཟེངས་བསྟོད་མཛད། མདོ་ཁམས་བསྟན་པའི་བདག་པོར་གྱུར་ཏེ་རྟ་ཚག་རིན་པོ་ཆེའི་ཡོངས་འཛིན་མཛད་པས་མཚོན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པར་གྱུར། གསུང་རྩོམ་ལ། སློབ་དཔོན་པདྨའི་རྣམ་ཐར། རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན། བདག་འཛིན་ཤག་འདེབས་སོགས་པོད་གཉིས་ཙམ་བཞུགས།