72808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རག་ར་སྐུ་ཕྲེང་གཉིས་པ་ངག་དབང་སྟན་པ་འཕེལ་རྒྱས་ (1)
Part of speech མིང་ཚིག
Definition ཁོང་ནི་ཡུལ་མདོ་ཁམས་ཀྱི་སའི་ཆ་རི་བོ་ཆེའི་ལྕེ་ཡུལ་ལ་ཁར། ཡབ་བཀྲ་ཤིས་སྐྱབས་དང། ཡུལ་མགོན་ནེ་མ་གཉིས་ཀྱི་སྲས་སུ་འཁྲུངས། རྟ་ཚག་སྐུ་ཕྲེང་བདུན་པ་དཔལ་ལྡན་རྒྱལ་མཚན་གྱི་གཅུང་པོ་ཡིན། རྟ་ཚག་རིན་པོ་ཆེ་གོང་མའི་དབུ་བླར་ཕེབས་པས། དེའི་ཚབ་ཏུ་དཔའ་ཤོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས། ༸རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་ཤི་རེ་ཐུའི་ཆོ་ལོ་གནང། བསམ་འགྲུབ་བདེ་ཆེན་གླིང་དང། བྱ་ཕུད་མདོ་སྔགས་དར་རྒྱས་གླིང་སོགས་སུ་ཆོས་སྲིད་གཉིས་ཀྱི་འཕྲིན་ལས་གཞན་འགྲན་མ་མཆིས་པ་སྤེལ། རབ་བྱུང་བཅུ་གསུམ་པའི་མེ་ཕག་ཕྱི་ལོ་༡༧༦༧ལོར་སྐུ་གཤེགས།