72809

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རག་ར་སྐུ་ཕྲེང་དང་པོ་ཀརྨ་དཀོན་མཆོག་ (1)
Part of speech མིང་ཚིག
Definition ཁོང་ནི་སྐུ་གཞོན་དུས་ནས་སྒྲུབ་བརྒྱུད་ཀརྨ་བའི་ཆོས་སྒོར་ཞུགས་ཤིང། མདོ་སྔགས་ཀྱི་གཞུང་དང་མན་ངག་མཐའ་ཡས་པ་ཐུགས་སུ་ཆུད་དེ་གྲུབ་པའི་གོང་འཕང་མཐོན་པོར་གཤེགས། སྐྱབས་རྗེ་རྟ་ཚག་སྐུ་ཕྲེང་དྲུག་པ་ངག་དབང་དཀོན་མཆོག་ཉི་མའི་སྲས་ཀྱི་ཐུབ་བོར་གྱུར། བར་སྐབས་ཤིག་མདོ་ཁམས་སུ་བེ་རི་དང་སོག་པོ་རྟ་ཁྲ་ཅན་གྱི་ཉེར་འཚེ་བྱུང་སྐབས། གྲུབ་ཆེན་ཚ་བའི་ཡས་ཆུ་རྒྱུད་ཕེབས་པར་བེ་རིའི་དམག་དང་ཕྲད་ནས་སུ་ཡིན་དྲིས་བྱུང་བར། རཀ་ར་བླ་མའི་རྟ་རྫི་ཡིན་བྱས་པས་རྟ་དུ་ཡོད་དྲི་བར། ཁོང་གིས་བྲག་ལ་ཕྱག་ལྕག་བཙུགས་ནས་རྟ་འདི་བཞིན་ཡོད་གསུངས་ནས་རྫུ་འཕྲུལ་སྣ་ཚོགས་བསྟན་པས་བེ་རིའི་དམག་རྣམས་བཟློག་ཅིང། དཔའ་ཤོད་དུ་གནོད་འཚེ་མ་བྱུང་བ་བླ་མ་འདི་ཡི་སྐུ་དྲིན་ཡིན་པར་བཤད།