72818

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རག་ཤི་ཁམས་འཛོང་ (1)
Part of speech མིང་ཚིག
Definition རྗེ་སངས་རྒྱས་ཡེལ་པས་རྟ་རྣའི་གདན་ས་འདེབས་པར་ཡོན་བདག་ཆེ་གྲས་ཤིག ཡེལ་པ་རིན་པོ་ཆེ་དང་དུས་མཉམ་ཙམ་ལས་འཁྲུངས་འདས་ཀྱི་ལོ་ཚིག་མི་གསལ། ཐོག་མར་ཡེལ་པ་རིན་པོ་ཆེ་རྟ་རྣའི་གནས་སུ་གདན་དྲངས་ཤིང་མདོ་མང་དང་གནས་གཞི་སོགས་བརྒྱ་འབུལ་མང་དུ་བྱས། དགོན་པ་ཡང་ཕུལ་བས་དེ་ལ་བརྟེན་ནས་དགོན་པ་དར་རྒྱས་སུ་མཛད་པ་དང་། མཐར་སྐུ་མྱ་ངན་ལས་འདས་སྐབས་ཀྱང་སྐུ་གདུང་ཆེད་དུ་རྟ་རྣར་གདན་དྲངས་ཏེ་བསྲེག་སྦྱངས་བྱས་པ་སོགས་མཛད་རྗེས་ཤིན་ཏུ་ཆེ།