72832

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རགས་པའི་མི་རྟག་ལ་སོགས་བཅུ་དྲུག་ (1)
Part of speech མིང་ཚིག
Definition མདོ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། རང་ལུགས་རེ་ཤིག ། མངོན་པ་ནས་བཤད་པའི་ཉེར་ལེན་གྱི་ཕུང་པོ་མི་རྟག་པ་ནས་དེ་ནས་བཤད་པའི་ངེས་འབྱིན་གྱི་བར་རྣམས་རིམ་པ་བཞིན་རགས་པའི་སྡུག་བདེན་གྱི་མི་རྟག་པ་ནས། རགས་པའི་ངེས་འབྱིན་གྱི་བར་དུ་བཞག་ན་འཐད་དམ་སྙམ་སྟེ། དཔྱད་པ་འདི་རྣམས་འབྱུང་བ་སྟོང་ཉིད་རྟོགས་པ་ལ་མ་ལྟོས་པར་མངོན་པ་གཉིས་ནས་བཤད་པའི་མི་རྟག་སོགས་བཅུ་དྲུག་རྟོགས་ཤིང་གོམས་པར་བྱས་པས་འཁོར་བ་ལས་གྲོལ་ནུས་པར་བརྩད་པ་ལས་འཕྲོས་ཤིང༌། དབུ་མ་ཐལ་འགྱུར་བ་དང་མངོན་པ་གཉིས་ལ་ཉོན་མོངས་ལ་ཕྲ་རགས་ཀྱི་ཁྱད་པར་དང༌། བདག་མེད་ཕྲ་རགས་ཀྱི་ཁྱད་པར་གྱིས་བདེན་བཞི་མི་རྟག་སོགས་བཅུ་དྲུག་ལ་ཡང་ཕྲ་རགས་ཀྱི་ཁྱད་པར་འབྱུང་བ་ཡིན་པའི་ཕྱིར། གང་ལྟར་ནའང་ཡབ་སྲས་ཀྱི་གཞུང་ལས་གསལ་བར་ཕྱེ་བ་མ་བྱུང་བས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་བྱའོ། །ཞེས་གསུངས།
Domain ཆོས་ལུགས།