72847

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་ (1)
Part of speech ཚབ་ཚིག
Definition རང་ཉིད་དང་རང་དངོས་ཏེ།
Keyword True
Example ང་རང་། ཁྱོད་རང་། ཁོ་རང་། རང་ཁ་རང་གསོ། རང་བློ་རང་ལ་ལྐོག་ཏུ་མ་གྱུར་ལྟ་བུ།
Antonyms གཞན།
རང་ (1)
Part of speech རྒྱན་ཚིག
Definition དངོས་པོ་སོ་སོའི་རང་བཞིན་ནམ་ངོ་བོ་སྟེ།
Keyword True
Example དམར་པོ་རང༌། གསལ་པོ་རང་མི་འདུག ཆེན་པོ་རང་མིན་པ་ལྟ་བུ།
རང་ (1)
Part of speech ཕྲད་ཚིག
Definition དེ་ཉིད་སྟོན་པའི་ཚིག་ཕྲད་ཅིག་སྟེ།
Example དེ་ག་རང༌། བཀའ་གནང་རང༌། སློབ་གྲྭ་དེ་རང་ལ་ཡོད། དེ་ཁོའི་ཁྱིམ་རང་ཡིན་ལྟ་བུ།
རང་ (1)
Part of speech བསྣན་ཚིག
Definition མིའི་རྩོལ་བ་ལ་མ་བརྟེན་པར་མ་བསྒྲུབས་རང་གྲུབ་བྱུང་བ་སྟེ།
Keyword True
Example མ་བསྐྱིལ་རང་འཁྱིལ། མ་བསྒྱེལ་རང་འགྱེལ། ནད་རང་ཞིར་སོང་། འུར་སྒྲ་རང་འཇགས་སུ་ཞི་ལྟ་བུ།
རང་ (1)
Part of speech མིང་ཚིག
Definition ཞང་སྐད། རི།