72859
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་ལས་བྱུང་བ་སྟེ། ༡ ངོ་བོའི་ངང་ངེས་པ། ༢ རིག་པ་སྟོང་གསལ་ཆེན་པོར་འགག་བཅིང་བ། ༣ རང་གྲོལ་རིས་མེད་རྗེན་པར་བཅིང་བ། ༤ རྩལ་དང་རོལ་པའི་འཆར་ཚུལ་མ་འགགས་པར་དག་མཉམ་བློ་འདས་གཅིག་ཏུ་འཕྲང་བསལ་བ། ༥ རྟོགས་མ་རྟོགས་འཆིང་གྲོལ་གྱི་རང་བཞིན་ཡིན་པས་འཕྲང་བསལ་བའི་ཆིངས། ༦ དགོངས་པའི་ངོ་བོ་བློ་ལས་འདས་པར་འཕྲང་བསལ་ནས། དྲན་བསམ་འཕྲོ་འདུ་ལས་འདས་པར་བཅིང་བ། ༧ ཉག་ཅིག་སྤྲོས་པ་དང་བྲལ་བའི་རིག་པ་ལ། གང་ལྟར་ཡང་གདགས་སུ་ཡོད་པར་འཕྲང་བསལ་བའི་ཆིངས། ༨ ཐམས་ཅད་རང་བྱུང་ཡེ་ཤེས་སུ་འཕྲང་བསལ་བས་གཞི་མཉམ་ཡངས་པ་ཆེན་པོར་བཅིང་བ། ༩ རང་དྭངས་རྒྱ་མཚོ་དྭངས་པའི་འོད་གསལ་དུ་ལ་བཟླ་བ་ལས། མི་གཡོ་མཉམ་པ་ཆེན་པོར་རང་ས་གཟུང་བ། ༡༠ རང་གསལ་རྗེན་པར་ས་གཟུང་བ། ༡༡ རྒྱ་གྲོལ་ཡངས་པ། ཕྱམ་གདལ་དུ་དཔགས་བསྟོད་པ། ༡༢ ཤན་འབྱེད་ཀྱི་འཕྱོང་ཆེན་པོས་ཐེ་ཚོམ་རྟོག་མཐའ་བསལ་བ། ༡༣ རིག་པ་རང་མལ་དུ་ཤན་འབྱེད་པས་ཞི་གནས་རྩེ་གཅིག་དང་པོ་སོ་སོར་དབྱེ་བ། ༡༤ ཀུན་གཞི་དང་ཆོས་སྐུའི་ཁྱད་པར་ཤན་དབྱེ་བ། ༡༥ དེ་དག་གི་ཁོངས་ནས་རྒྱུ་འབྲས་ངེས་པའི་ཤན་འབྱེད་གནས་པས་དེ་བསྟན་པ། ༡༦ རྒྱུ་འབྲས་ལ་བཟླ་བའི་ཤན་འབྱེད་པ། |
| Domain | ཆོས་ལུགས། |