72863

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་གནས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition དེ་བཱ་ཨ་ཀ་རས་མཛད་པའི་རང་གནས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས། འདིའི་འགྱུར་རྙིང་གྲུབ་ཆེན་ཚུལ་མགོན་ཉིད་ཀྱིས་མཛད་པ་ལས། སྔགས་རྣམས་ཕལ་ཆེར་ཞལ་བཞེས་ཀྱི་དབང་དུ་མཛད་པ་འདྲ་བས་དཀྱུས་ན་མེད། མཛད་བྱང་བྲམ་ཟེ་རཏྣ་ཕ་ལས་མཛད་ཅེས་འབྱུང་བ་ལ་བར་སྐབས་སུ་མཆན་བུ་དཀྱུས་སུ་ཤོར་བ་སོགས་ལྷག་ཆད་ནོར་སྐྱོན་ཤིན་ཏུ་མང་པོ་སྣང་བ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་པུརྞྞ་བཛྲ་པའི་ཞབས་ཀྱི་རྒྱ་དཔེ་དང་བསྟུན་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་འགྱུར་ཆད་མང་དུ་བསབས་ཤིང་ཞུ་ཐུག་བྱས། བསྟན་འགྱུར་རྒྱུད་ཨུ་པར་བཞུགས།