From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རང་གི་ཆུང་མ་ལ་བསྐྱེད་པའི་འདུ་ཤེས་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
བསླབ་བཏུས་ལས། འདི་ནི་དགའ་ཞིང་རྩེ་བའི་གྲོགས་ཡིན་གྱི། འདི་འཇིག་རྟེན་ཕ་རོལ་གྱི་གྲོགས་མ་ཡིན་ནོ། །འདི་ནི་བཟའ་བ་དང་བཏུང་བའི་གྲོགས་ཡིན་གྱི། འདི་ལས་རྣམ་པར་སྨིན་པ་མྱོང་བའི་གྲོགས་ནི་མ་ཡིན་ནོ། །འདི་ནི་བདེ་བའི་གྲོགས་ཡིན་གྱི། སྡུག་བསྔལ་གྱི་གྲོགས་མ་ཡིན་ནོ་སྙམ་པའོ། །
|
| Domain
|
ཆོས་ལུགས།
|
རང་གི་ཆུང་མ་ལ་བསྐྱེད་པའི་འདུ་ཤེས་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
ཚུལ་ཁྲིམས་ཀྱི་བར་དུ་གཅོད་པར་འདུ་ཤེས་པ། ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་འདུ་ཤེས་པ། ཤེས་རབ་ཀྱི་བར་དུ་གཅོད་པར་འདུ་ཤེས་པའོ། །
|
རང་གི་ཆུང་མ་ལ་བསྐྱེད་པའི་འདུ་ཤེས་གསུམ་ (3)
| Part of speech
|
མིང་ཚིག
|
| Definition
|
ཆོམ་རྐུན་དུ་འདུ་ཤེས་པ། བཙོན་སྲུང་དུ་འདུ་ཤེས་པ། སེམས་ཅན་དམྱལ་བའི་སྲུང་མར་འདུ་ཤེས་པའོ། །
|