72944

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་དོན་སྤངས་པ་ཕུན་ཚོགས་ (1)
Part of speech མིང་ཚིག
Definition མདོ། སེམས་ཅན་རྣམས་འཁོར་བ་འཆིང་བྱེད་ཀྱི་གང་ཟག་དང་ཆོས་ཀྱི་བདག་ཏུ་གྲུབ་པ་འཛིན་པའི་རྣམ་རྟོག་གི་དྲ་བ་བག་ཆགས་དང་བཅས་པ་དྲུང་ནས་ཕྱུང་ཅིང་བསལ་བར་བྱེད་པའི་སྤངས་པ་དེ་ལ་རང་དོན་སྤངས་པ་ཕུན་ཚོགས་ཞེས་བྱ་སྟེ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་དགའ་བྱང་ཡིག་ཆ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ་བློ་གསལ་གྱི་མགུལ་རྒྱན་ལས། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། རང་དོན་སྤངས་པ་ཕུན་ཚོགས་མངའ་བ་ཡིན་ཏེ། ལུས་ཅན་འཆིང་བར་བྱེད་པ་གང་ཟག་གི་བདག་དང་ཆོས་ཀྱི་བདག་ཏུ་ཞེན་ཅིང་རྣམ་པར་རྟོག་པའི་དྲ་བ་བག་ཆགས་དང་བཅས་པ་དྲུང་ཕྱུང་བའི་ཚུལ་གྱིས་རྣམ་པར་བསལ་ཅིང་སྤངས་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།