72954

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་བཞིན་ (1)
Part of speech མིང་ཚིག
Definition དངོས་པོ་རྣམས་ཀྱི་རང་ཆས་སུ་ཡོད་པའི་ནུས་པ་དང་རྣམ་པའམ་ངོ་བོ།
Example མེ་ནི་ཚ་བའི་རང་བཞིན་ཅན་ཡིན་ཞེས་དང་། སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་པ་ལྟ་བུ།
རང་བཞིན་ (2)
Part of speech མིང་ཚིག
Definition རྒྱུན་ཆགས་སུ་ཡོད་པའི་བྱ་སྤྱོད་དང་རྣམ་པ།
Example ཨ་མ་ནི་བརྩེ་བའི་རང་བཞིན་ཅན་ཡིན་ཞེས་པ་ལྟ་བུ།
རང་བཞིན་ (3)
Part of speech མིང་ཚིག
Definition བཅོས་མ་མ་ཡིན་པ་དང་། འབད་རྩོལ་མི་དགོས་པ།
Example རང་བཞིན་གྱི་དུག་ཅེས་དང་། རང་བཞིན་གྱིས་གྲུབ་ཅེས་པ་ལྟ་བུ།
རང་བཞིན་ (4)
Part of speech མིང་ཚིག
Definition གྲངས་ཀ་གཅིག ཆོས་ཐམས་ཅད་ཀྱི་རང་བཞིན་ནི་གཅིག་ཡིན་པས་སོ། །
Type མངོན་བརྗོད།