72989
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྒྲུབ་རྟགས་ཀྱི་འབྲེལ་བ་ངེས་བྱེེད་ཀྱི་ཚད་མའི་ནང་གསེས། རང་བཞིན་གྱི་རྟགས་ཡང་་དག་གི་རྟགས་ཆོས་གཉིས་འབྲེལ་བར་ངེས་བྱེད་ཀྱི་ཚད་མ། ཅུང་ཟད་གོ་བདེ་བར་སྤྲོས་ན་ཆོས་གང་ཞིག་གཏན་ལ་དབབ་པར་བྱ་བ་དེའི་ཚེ་ཆོས་དེ་དང་ངོ་བོ་གཅིག་པའམ་རང་དང་རང་བཞིན་གཅིག་པའི་ཆོས་ཤིག་རྒྱུ་མཚན་དུ་བཟུང་ནས་གཏན་འབེབས་བྱེད་པ་ན། གང་གཏན་ལ་དབབ་རྒྱུའི་ཆོས་དེ་ལྡོག་ན་གང་རྒྱུ་མཚན་དུ་གཟུང་རྒྱུའི་ཆོས་སམ་རྟགས་དེ་ཡང་ངེས་པར་ལྡོག་པར་ངེས་བྱེད་ཀྱི་ཚད་མ། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་སུ་མ་ཟད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ལ་ཡང་འབྲེལ་བ་ཡོད་ཅེས་བསྟན་ནས། དེའི་སྒྲུབ་བྱེད་བྱས་པ་ཆོས་ཅན། མི་རྟག་པ་དང་འབྲེལ་ཏེ། མི་རྟག་པ་ལྡོག་སྟོབས་ཀྱིས་ཁྱོད་ལྡོག་པའི་ཕྱིར། |
Domain | ཚད་མ། |
{{#arraymap:རང་བཞིན་གྱི་རྟགས་ཀྱི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་
|; |@@@ | | }}