73001
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། རང་བཞིན་གྱིས་གསང་བའམ་རང་བཞིན་གྱི་གསང་བ་ནི། དཔལ་གསང་བ་སྙིང་པོ་ལས། ཨེ་མའོ་ཨེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལ་ཤིན་ཏུ་གསང་། །ཞེས་དང་། སྤར་ཁབ་ལས། རང་བཞིན་གྱིས་གསང་བ་ནི། དེ་ཉིད་རང་སྣང་བའི་དངོས་པོ་རིལ་མི་ཟད་པ་རྒྱན་གྱི་འཁོར་ལོར་རང་རྒྱུད་དུ་གནས་པ། བརྟགས་པས་བསྒྲིབས་པའོ། །ཞེས་དང་། དཀོན་ཅོག་འགྲེལ་ལས། རང་བཞིན་གྱི་གསང་བ་ལ་ཡང་། ཡེ་ནས་གསང་བ། ངོ་བོ་ཉིད་ཀྱི་གསང་བ། གུད་ན་མེད་པའི་གསང་བ་རྣམས་སུ་ཕྱེ་སྟེ། ཞེས་གསུངས། མན་ངག་ལྟ་ཕྲེང་གི་འགྲེལ་པ་ལས། རང་བཞིན་གྱིས་གསང་བ་ནི། རྫོགས་པ་ཆེན་པོའི་ཚུལ་ཏེ། དེར་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ། ཡེ་ནས་མངོན་པར་རྫོགས་པ་སངས་རྒྱས་པ། ད་ལམ་གྱིས་བསྒྲུབས་ཤིང་གཉེན་པོས་བཅོས་སུ་མེད་པ་བསྟན་པའི་ཕྱིར་རོ། །ཞེས་གསུངས་སོ། ། |
Domain | [ཆོས་ལུགས།, ལྟ་གྲུབ།] |
{{#arraymap:རང་བཞིན་གྱིས་གསང་བ་
|; |@@@ | | }}