73005

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་བཞིན་གྱིས་འོད་གསལ་བའི་སྐུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། རང་བཞིན་གྱིས་འོད་གསལ་བའི་སྐུ་ནི། རྣམ་པར་ཤེས་པའི་རྒྱལ་པོ་ལ་སོགས་པ་སྟེ། འདིར་ནི་སྐུ་ལྔ་རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་རོ། །འདི་ལ་ཅིའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་སྐུ་ཞེ་ན། སེམས་ཅན་ཐམས་ཅད་ལ་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡོད་པར་བསྟན་པ་སྟེ། དེ་ཡང་དོན་དམ་པའི་དབང་དུ་ནི་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རྒྱུ་རྡོ་རྗེ་ལྟ་བུ་ཅིས་ཀྱང་མི་ཤིགས་པ་ཤིན་ཏུ་རྣམ་པར་དག་པའི་རྒྱུ་ཡེ་ནས་སངས་རྒྱས་པར་བསྟན་པ་ཡིན་ལ། ཀུན་རྫོབ་ཕྱིན་ཅི་ལོག་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་དུ་སངས་རྒྱས་པར་བསྟན་པ་སྟེ། དེ་ལྟར་ལེའུ་དང་པོ་དང་གཉིས་པ་ལས་ཀྱང་དེ་ལྟར་བསྟན་ལ། རྒྱུད་འདིའི་དོན་ཡང་འདི་ལྟར་རོ། །ཞེས་དང་། རང་བཞིན་གྱི་འོད་གསལ་བའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་། སེམས་ཅན་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་དབྱེར་མེད་པར་ཚུལ་གཅིག་གོ ། ཞེས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:རང་བཞིན་གྱིས་འོད་གསལ་བའི་སྐུ་

|; |@@@ | | }}