73018
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། མ་རྟོགས་འཁྲུལ་བའི་དབང་ལས་དགེ་སྡིག་ལུང་མ་བསྟན་གྱི་རྟོག་ཚོགས་མཐའ་ཡས་པ་བྱུང་དང་འབྱུང་བཞིན་པ་ཐམས་ཅད་དོན་དམ་པ་སེམས་ཀྱི་རང་བཞིན་དུ་རང་ཞི་རང་དག་ཏུ་སྒྲོལ་བའམ་སྦྱོར་བ་ལ་བྱ་སྟེ། འགུ་ཡ་ལས། རང་བཞིན་དག་པའི་སྦྱོར་བ་ནི། །གཞི་ཡི་བོན་ཉིད་རྣམ་དག་ཏུ། །རྣམ་པར་རྟོག་པ་ཐམས་ཅད་སྦྱོར། །རང་བཞིན་དོན་དམ་གཉིས་མེད་ཀྱི། །གཉིས་སུ་མེད་པའི་རིག་པ་ཡི། །རྒྱལ་པོ་བོན་ཉིད་དབྱིངས་སུ་སྦྱོར། །ཞེས་པས། ཀུན་རྫོབ་ཏུ་གཉིས་སྣང་དང་གཉིས་འཛིན་གྱི་རྟོག་ཚོགས་ཇི་སྙེད་རྒྱུ་བ་རྣམས། གཞི་སེམས་ཀྱི་ངང་དུ་རང་བཞིན་གྱིས་གཉིས་མེད་མཉམ་པར་རང་ཞི་རང་དག་ཏུ་གྱུར་པ་ནི། རིག་པའི་རྒྱལ་པོའམ་སེམས་ཀྱི་བོན་ཉིད་ཀྱི་དབྱིངས་སུ་སྒྲོལ་བའམ་སྦྱོར་བ་ཞེས་བྱའོ། ། |
Domain | ཆོས་ལུགས། |
{{#arraymap:རང་བཞིན་དག་པའི་སྦྱོར་སྒྲོལ་
|; |@@@ | | }}