73022
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷན་ཅིག་མི་གནས་འགལ་གྱི་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གསུམ་གྱི་ནང་གསེས། འགལ་འབྲས་རྟགས་སུ་བཀོད་པའི་ཐལ་འགྱུར་གང་ཞིག་བཟློག་ན་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་སྟེ། |
| Example | མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། ཞེས་བཟློག་པ་གཞན་རིགས་འཕེན་པའོ། ། |
| Domain | ཚད་མ། |