73024
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རང་རིགས་འཕེན་པའི་ཐལ་འགྱུར་བཞིའི་ནང་གསེས། འགལ་བའི་རང་བཞིན་རྟགས་སུ་བཀོད་ནས་ཐལ་བ་འཕངས་པ་བཟློག་ན་རང་བཞིན་འགལ་དམིགས་ཀྱི་རང་རྒྱུད་དེ་ཉིད་འཕེན་པ་སྟེ། |
Example | མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་རེག་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། གྲང་རེག་མེད་དེ། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། ཞེས་བཟློག་པ་རང་གི་རིགས་གཅིག་པའི་རང་རྒྱུད་འཕེན་པའོ། |
Domain | ཚད་མ། |
{{#arraymap:རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་
|; |@@@ | | }}