73027

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་བཞིན་དམིགས་པའི་ཐལ་འགྱུར་ (1)
Part of speech མིང་ཚིག
Definition གཞན་རིགས་འཕེན་པའི་ཐལ་འགྱུར་བཅུ་བཞིའི་ནང་གསེས། རང་བཞིན་དམིགས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་གང་ཞིག་བཟློག་ན་ཁྱབ་བྱེད་མ་དམིགས་པའི་རང་རྒྱུད་འཕེན་པ་སྟེ།
Example ཤིང་མེད་ཀྱི་བྲག་རྫོང་ན་ཆོས་ཅན། ཤིང་ཡོད་པར་ཐལ། ཤ་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། ཤ་པ་མེད་དེ། ཤིང་མེད་པའི་ཕྱིར། ཞེས་བཟློག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་རོ། །
Domain ཚད་མ།

{{#arraymap:རང་བཞིན་དམིགས་པའི་ཐལ་འགྱུར་

|; |@@@ | | }}