73031
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་ནན་ཏན་དང་ལྡན་པས། ཕ་རོལ་ཏུ་ཕྱིན་པའི་རང་བཞིན། འགྲོ་བ་ཐམས་ཅད་ཡོངས་སུ་མི་གཏོང་བས། བསྡུ་བའི་དངོས་པོའི་རང་བཞིན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་རང་གི་ལུས་ཀྱིས་ལེན་ཀྱང་ཡོངས་སུ་མི་སྐྱོ་བས། སྙིང་རྗེ་ཆེན་པོའི་རང་བཞིན། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པས། བྱམས་པ་ཆེན་པོའི་རང་བཞིན། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བས་བསོད་ནམས་ཀྱིས་རང་བཞིན། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གཅིག་ཏུ་འདྲེས་པས། ཡེ་ཤེས་ཀྱི་རང་བཞིན། སྐྱེ་བའི་སྐྱེ་མཆེད་ཐམས་ཅད་ལས་འདས་པས། ཆོས་ཀྱི་རང་བཞིན། ཐམས་ཅད་དུ་སྒོ་ཡོངས་སུ་སྟོན་པས། ཐམས་ཅད་ཀྱི་རང་བཞིན། རྫུ་འཕྲུལ་དང་། རྣམ་པར་འཕྲུལ་བ་ཐམས་ཅད་ཡོངས་སུ་སྟོན་པས། རྫུ་འཕྲུལ་གྱི་རང་བཞིན། ནམ་འདོད་པའི་དུས་སུ་མངོན་པར་རྫོགས་པར་འཚང་རྒྱ་བས། བྱང་ཆུབ་ཀྱི་རང་བཞིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:རང་བཞིན་བཅུ་
|; |@@@ | | }}