73038
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གསང་སྔགས་ཐེག་པར་འཇུག་པའི་ཐབས་བཅུའམ་ཆོས་ཀྱི་རྣམ་གྲངས་བཅུ་རུ་གསུངས་པའི་ཡ་གྱལ་ཞིག་སྟེ། གཞིའི་རང་བཞིན་ལྟ་བས་རྟོགས་པ་ལས་མི་འདའ་བར་སྤྱོད་པ་སྐྱོང་ཚུལ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ཁོ་ན་ཉིད་ཀྱི་རང་བཞིན་སྙིང་པོའི་དོན་ནི། དངོས་པོ་ཐམས་ཅད་དང་བྲལ་ཏེ་ངང་ལས་མི་འདའ་བས་མི་འགྱུར་བའོ། །མ་བཅོས་པ་ནི་ཡེ་ནས་ཡིན་པའི་དོན་གཞི་ཇི་བཞིན་པའི་ངོ་བོ་རྣལ་མའོ། །མ་བཅོས་རྣལ་མ་འདི་དག་ནི། ཤེས་པར་བྱ་བའི་དེ་བཞིན་ཉིད་གསང་སྔགས་ཀྱི་རང་བཞིན་དང༌། ཇི་ལྟར་རྟོགས་པའི་ཚུལ་གྱིས་དེ་ལ་ལྟ༷་བའི་རང་བཞིན་དང༌། རྟོགས་པ་དེ་ལས་མི་འདའ་བའི་དམ་ཚིག་གི་རང་བཞིན་དང༌། དེ་ལྟར་ངང་ལས་མི་ཉམས་པར་ལུས་ངག་ཡིད་ཀྱིས་བྱ་བ་བྱེད་པ་སྤྱོད་པའི་རང་བཞིན་ཏེ་རྣམ་པ་བཞིར་གསུངས་པས་གསུམ་པོ་གོ་རིམས་བཞིན་ནོ། །ཞེས་པ་ལྟར་དབྱེ་ན་བཞི། སྔགས་ཀྱི་རང་བཞིན། ལྟ་བའི་རང་བཞིན། དམ་ཚིག་གི་རང་བཞིན། སྤྱོད་པའི་རང་བཞིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:རང་བཞིན་མ་བཅོས་པར་བྱ་བ་
|; |@@@ | | }}