73044

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་བཞིན་འགལ་དམིགས་ (1)
Part of speech མིང་ཚིག
Definition ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་རང་བཞིན་འགལ་དམིགས་ཀྱི་རྟགས་ཡང་དག་སྟེ། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་དྲུག་ཏུ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མེ་སྟོབས་ཆེན་རྒྱུན་ཆགས་པས་ཁྱབ་པར་ནོན་པའི་ས་ཕྱོགས་ན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་མེད་པར་སྒྲུབ་པ་ལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་རྟགས་སུ་བཀོད་པ་ལྟ་བུ་དང༌། ཞེས་གསུངས།
Domain ཚད་མ།

{{#arraymap:རང་བཞིན་འགལ་དམིགས་

|; |@@@ | | }}