73045
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྣང་རུང་གི་འགལ་ཟླ་དམིགས་པའི་རྟགས་ཀྱི་ནང་གསེས། སྒྲུབ་ཆོས་དང་འགལ་བའི་རང་བཞིན་རྟགས་སུ་བཀོད་ནས་དགག་བྱ་འགོག་པ་སྟེ། |
| Example | མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ས་ཕྱོགས་སུ་ཆོས་ཅན། གྲང་རེག་རྒྱུན་ཆགས་སུ་འབྱུང་བ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་སྒྲུབ་བྱེད་ཚ་བ་མེ་རྟགས་སུ་བཀོད་ནས་དགག་ཆོས་ཚ་བ་དང་ལྷན་ཅིག་མི་གནས་འགལ་དུ་གྱུར་པའི་གྲང་རེག་འགོག་པའམ་མེད་ངེས་སུ་སྒྲུབ་པའོ། ། |
| Domain | ཚད་མ། |