73046
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བེམ་པོ་གྱུུར་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་དབྱེ་བའི་ནང་གསེས། དགག་བྱའི་ཆོས་ཀྱི་འགལ་ཟླའི་ངོ་བོ་དེ་ཡོད་ན་སྐབས་ཀྱི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་ཞིང་། དགག་ཆོས་དེ་དང་དངོས་སུ་འགལ་བ་རྟགས་སུ་སྦྱར་བའི་རང་བཞིན་འགལ་བར་དམིགས་པའི་རྟགས་ཡང་དག། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དགག་བྱའི་ཆོས་ཀྱི་འགལ་ཟླའི་ངོ་བོ་དང་། དེའི་འབྲས་བུ་སྣང་དུ་རུང་ན་རང་བཞིན་འགལ་དམིགས་དང་། འགལ་བའི་འབྲས་བུ་དམིགས་པའི་རྟགས་ཡང་འཇུག་པའི་དུས་ཡིན་ནོ། །ཞེས་དང་། གསུམ་པ་ནི། ཤར་ཕྱོགས་ཀྱི་མེ་ཆོས་ཅན། གྲང་རེག་དང་གནོད་མེད་དུ་ལྷན་ཅིག་ཏུ་མི་གནས་ཏེ། མེ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་དེ་ལྟ་བུ་སྟེ། དགག་བྱའི་ཆོས་གྲང་རེག་བཀག་པའི་མེ་རྟགས་སུ་སྦྱར་བའི་ཚུལ་གསུམ་ཡིན་པའི་ཕྱིར། |
Domain | ཚད་མ། |
{{#arraymap:རང་བཞིན་འགལ་དམིགས་ཀྱི་རྟགས་ཡང་དག་
|; |@@@ | | }}