7305

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདངས་ (1)
Part of speech མིང་ཚིག
Definition སྒྲ་དང་རོལ་མོ། སྐད་སོགས་ཀྱི་རླབས་རྒྱུན་ཞིག་སྟེ།
Keyword True
Example སྐད་གདངས། གླུ་ཡི་གདངས་སྙན་པོ་ལྟ་བུ།
གདངས་ (2)
Part of speech མིང་ཚིག
Definition བྱ་བ་བྱེད་ལུགས་ཀྱི་མིང་སྟེ། བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག་ལས། གདངས་པ་ཞེས་པ་བྱེད་ལུགས་མིང༌། ཞེས་གསུངས།
Example ཏུན་ཧོང་ཡིག་རྙིང་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ལས། བྱ་འིས་ནི་ཞུ་ཕུབ་ན། ལ་པྱི་ནི་གདངས་སུ་དྲོ། ཞེས་འབྱུང་བ་ལྟ་བུ། 3.
Type བརྡ་རྙིང་།
གདངས་ (1)
Part of speech བྱ་ཚིག
Definition གདང་གི་འདས་པ།
Transitive བྱ་བྱེད་ཐ་དད་པ།
Future [གདང་།]
Present [གདང་།]
Past [གདངས།]
Imperative [གདོངས།]
གདངས་ (2)
Part of speech བྱ་ཚིག
Definition ནད་ལས་གྲོལ་བའམ་སངས་དྲག་བྱུང་བའི་དོན་ཏེ། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། གདངས་ནི་ནད་ལས་གྲོལ་བའི་མིང་སྟེ་བསྙུན་གདངས་ཟེར་བ་ལྟ་བུ།
Type བརྡ་རྙིང་།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།