73052
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ནི་བསོད་ནམས་རྒྱུའི་ཚོགས་ཀྱི་སྐབས་སུ་བཤད་པའི་རིང་བའི་ཚོགས་རྣམ་པ་གཉིས་ཀྱི་ཁོངས་སུ་གཏོགས་ལ། དོན་ནི། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། རང་བཞིན་རྒྱུའི་ཚོགས་ཉིད་ནི། འབྱུང་བ་རྣམ་པ་ལྔ་ཡིན་ལ། ཞེས་པས། ཚོགས་མཆོད་སོགས་ཀྱི་སྐབས་སུ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་ཚོགས་ཇི་སྙེད་པ་རྣམས་ཀྱི་འབད་མེད་རང་འབྱུང་གི་རྒྱུ་ནི་འབྱུང་བ་ལྔ་ཡིན་པས་དེ་ལྟར་གསུངས་པ་ཡིན་ཏེ། མདོ་ལས། རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། ཞེས་པ་དང་མཐུན་ནོ། ། |
Domain | ཆོས་ལུགས། |
{{#arraymap:རང་བཞིན་རྒྱུའི་ཚོགས་
|; |@@@ | | }}