73059
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ། ༡ ཀུན་བརྟགས་པའི་རང་བཞིན་ནི་མཚན་མ་ལས་འབྱུང་ངོ་། །༢ གཞན་གྱི་དབང་གི་རང་བཞིན་ནི། འདུ་བྱེད་ཀྱི་དངོས་པོའི་མཚན་ཉིད་ལྟ་བུར་སྣང་སྟེ། མངོན་པར་ཞེན་པའི་ཀུན་བཏགས་པའི་རང་བཞིན་ནི་རྣམ་པ་གཉིས་ཡོད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྣམ་པར་འཇོག་སྟེ། མིང་གི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་དོ། །དེ་ལ་མིང་གི་མཚན་མ་མངོན་པར་ཞེན་པའི་མཚན་ཉིད་ནི་འདི་ལྟ་སྟེ། ནང་དང་ཕྱིའི་ཆོས་ལ་མངོན་པར་ཞེན་པའོ། །དངོས་པོའི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་ནི་འདི་ལྟ་སྟེ། ནང་དང་ཕྱི་རོལ་གྱི་ཆོས་དེ་དག་ཉིད་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་མངོན་པར་ཞེན་པའོ། །འདི་ནི་ཀུན་བཏགས་པའི་རང་བཞིན་རྣམ་པ་གཉིས་ཀྱི་མཚན་ཉིད་ཅེས་བྱའོ། །གང་ལ་གནས་ཤིང་གང་ལ་དམིགས་པ་ལས་འབྱུང་བ་དེ་ནི་གཞན་གྱི་དབང་ཞེས་བྱའོ། །༣ ཡོངས་སུ་གྲུབ་པའི་རང་བཞིན་ནི། མིང་དང་རྒྱུ་མཚན་གྱི་དངོས་པོའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་དང་བྲལ་བ། འཕགས་པའི་ཡེ་ཤེས་ཀྱིས་ཐོབ་པར་བྱ་བ། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱིས་བགྲོད་པར་བྱ་བའི་སྤྱོད་ཡུལ་ཏེ། འདི་ནི་ཡོངས་སུ་གྲུབ་པའི་རང་བཞིན་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོའི་ཐུགས་ཞེས་བྱའོ། ། |
Domain | ཆོས་ལུགས། |
{{#arraymap:རང་བཞིན་རྣམ་པ་གསུམ་
|; |@@@ | | }}