73101
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཇོ་ནང་། རང་བྱིན་རླབས་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ལྔ་བརྒྱད་པ་ཡིན། བརྗོད་བྱ། སྐྱབས་སེམས་དང་། རང་བྱིན་རླབས་པ་སྒོམ་པའི་དམིགས་པ་དང་པོ་ཙཎྜ་ལི་བསྐྱེད་རིམ་སྒོམ་པ་ནས་དམིགས་རིམ་ཉི་ཤུ་རྩ་དགུ་པ་སྤྲུལ་འཁོར་ཨཾ་ཡིག་སྒོམ་པའི་བར་གྱི་རྩ་རླུང་ཐིག་ལེའི་དམིགས་རྣམ་བསྡུས་ཏེ་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་དང་བདག་མེད་ཌོམ་བྷི་པ། །ངོ་མཚར་རྡོ་རྗེ་ནགས་ཁྲོད་གརྦྷ་རི། །བསོད་སྙོམས་མི་ཐུབ་ཟླ་བ་དཔའ་རྡོ་རྗེ། །འབྲོག་མི་སེ་ཞང་ས་སྐྱའི་གོང་མ་བཞི། །ཚོགས་སྒོམ་གཉགས་སྟོན་སྙིང་པོ་རྒྱལ་བ་འབུམ། །བསོད་ནམས་རྒྱ་མཚན་དཔལ་ལྡན་ཚུལ་ཁྲིམས་པ། །བུདྷ་ཤྲཱི་དང་ངོར་ཆེན་ཀུན་དགའ་བཟང་། །དཔལ་ལྡན་རྡོ་རྗེ་དཔལ་ལྡན་ཚུལ་ཁྲིམས་བ། །ཞེས་སོགས་དང་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། འབྲོག་མིའི་ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
Domain | ཆོས་ལུགས། |
{{#arraymap:རང་བྱིན་རླབས་ཀྱི་ཁྲིད་
|; |@@@ | | }}