73105

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་བྱུང་གི་གོས་ཀྱི་སྐྱོན་དགུ་ (1)
Part of speech མིང་ཚིག
Definition སྐྱེས་རབས་ཀྱི་གླེང་གཞི་ལས་བྱུང་བ་སྟེ། ༡ རྙེད་དཀའ་བའི་སྐྱོན། ༢ གཞན་འདོད་པ་སྐྱེ་བའི་སྐྱོན། ༣ ལོངས་སྤྱོད་པ་ནས་མྱུར་དུ་དྲི་མ་དང་ལྡན་པའི་སྐྱོན། ༤ དྲི་མ་ཅན་དུ་གྱུར་པ་ན་འཁྲུད་པ་དང༌། ཚོས་བྱ་དགོས་པ་དང༌། ལོངས་སྤྱོད་པ་ན་འདྲལ་བའི་སྐྱོན། ༥ རྙིང་ན་འཚེམ་པ་དང༌། ལྷན་པ་འདེབས་དགོས་པ་དང༌། སླར་ཡང་ཚོལ་བ་ན་རྙེད་དཀའ་བའི་སྐྱོན། ༦ དཀའ་ཐུབ་པའི་རབ་ཏུ་བྱུང་བ་ལ་མི་རིགས་པའི་སྐྱོན། ༧ དགྲ་ལ་སོགས་པས་འཕྲོག་པར་འགྱུར་བའི་སྐྱོན། ༨ ཇི་ལྟར་ཡང་གོས་ནི་དགྲ་ལ་སོགས་པས་མི་ལེན་པ་དེའི་ཕྱིར་དེ་བཞིན་དུ་སྦེད་དགོས་པ་དང༌། གྱོན་པ་ན་རྒྱན་དུ་འགྱུར་བའི་སྐྱོན། ༩ ཁྱེར་ནས་འགྲོ་བ་ན་ལུས་ཀྱི་ཁུར་པོ་ཆེན་པོར་འགྲོ་བའི་སྐྱོན་ནོ། །
Domain ཆོས་ལུགས།

{{#arraymap:རང་བྱུང་གི་གོས་ཀྱི་སྐྱོན་དགུ་

|; |@@@ | | }}