73111

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་བྱུང་བདུད་རྩིའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་དྲུག་ཅུ་རེ་ལྔ་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དང་རྒྱུད་ཕྱི་མའི་ལེའུ་མཐའ་མར་བཞེད། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་མཐའ་མ་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལ་ཆོས་ཀྱི་རྣམ་གྲངས་བཅུར་བགྲོ་བ་ལས། བཅུ་པ་ནད་གསོ་བ་ལ་སྤྱིར་བསྟན་པ་དང༌བྱེ་བྲག་ཏུ་སྨན་གྱི་དྲིས་ལན་ལོ་རྒྱུས་ཀྱིས་བསྟན་པ་བཅས་ཡིན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པའི་ལེའུ་འདིས་ངེས་དོན་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ་ལོ། །