73119

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་བྱུང་ལྔ་ལྡན་ (1)
Part of speech མིང་ཚིག
Definition ལྷ་སའི་གཙུག་ལག་ཁང་དུ་ཡོད་པའི་སྐུ་རྟེན་ཞིག་སྟེ། ལོ་རྒྱུས་སུ་ཕྱིའི་སྐུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་རང་བྱུང་གཅིག ནང་ཙན་དན་སྦྲུལ་སྙིང་གི་སྡོང་པོ་ལས་བྱུང་བའི་འཕགས་པའི་སྐུ་རང་བྱུང་གཅིག སྲོང་བཙན་སྒམ་པོ། རྒྱ་བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན་ཏེ་གསུམ་ཐིམ་པ་བཅས་ལ་རང་བྱུང་ལྔ་ལྡན་ཞེས་གྲགས་ཤིང༌། རང་བྱོན་ལྔ་ལྡན་ཡང་ཟེར།
Domain ཆོས་ལུགས།