73139

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་མཚན་ (1)
Part of speech མིང་ཚིག
Definition གཞལ་བྱ་ལ་རྟོགས་ཚུལ་གྱི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རང་མཚན་གྱི་མཚན་ཉིད། དོན་དམ་པར་དོན་བྱེད་ནུས་པ། དཔེར་ན་སྔོན་པོ་ལྟ་བུའོ། །ཡང་ན་ཡུལ་དུས་མ་འདྲེས་པར་གནས་པའི་དངོས་པོ། ཞེས་གསུངས།
Domain ཚད་མ།

{{#arraymap:རང་མཚན་

|; |@@@ | | }}

རང་མཚན་ (2)
Part of speech མིང་ཚིག
Definition རྟོག་པས་འདི་ཞེས་འཇོག་པ་ལ་མི་ལྟོས་པར་ཡུལ་རང་གི་ངོས་ནས་འདི་དང་འདི་ཞེས་ངེས་བཟུང་དུ་ཡོད་པའི་ཆོས་ཞིག་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། མདོ་སྡེ་པའི་ལུགས་ཀྱི་རང་སྤྱི་གཉིས་འཆད་པ་དང། སེམས་ཙམ་པའི་ལུགས་ཀྱི་རང་སྤྱི་གཉིས་འཆད་པའོ། །དང་པོ་ནི། རྟོག་པས་བཏགས་ཙམ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ། རང་མཚན་གྱི་མཚན་ཉིད། རང་མཚན་དང། དངོས་པོ། དོན་དམ་བདེན་པ། མངོན་སུམ་གྱི་སྣང་ཡུལ། མངོན་གྱུར་རྣམས་དོན་གཅིག ཅེས་གསུངས་པའི་ཕྱིར།

{{#arraymap:རང་མཚན་

|; |@@@ | | }}

རང་མཚན་ (3)
Part of speech མིང་ཚིག
Definition དོན་རང་གི་ངོས་ནས་རང་འབྲས་སྐྱེ་བའི་དོན་བྱེད་ནུས་པའི་ཆོས་སམ་ཡུལ་དུས་མ་འདྲེས་པར་གནས་པའི་དངོས་པོ་ཞིག་ལའང་ཟེར་བ་ཡིན་ཏེ། རྗེ་བདག་ཉིད་ཆེན་པོས་མཛད་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རང་མཚན་གྱི་མཚན་ཉིད། དོན་དམ་པར་དོན་བྱེད་ནུས་པ། དཔེར་ན་སྔོན་པོ་ལྟ་བུའོ། །ཡང་ན་ཡུལ་དུས་མ་འདྲེས་པར་གནས་པའི་དངོས་པོ། ཞེས་གསུངས་པའི་ཕྱིར།

{{#arraymap:རང་མཚན་

|; |@@@ | | }}