73162
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དེ་སྒྲུབ་ཀྱི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་དངོས་སུ་འཕེན་པ་ཞིག་ལ་ཟེར། དེ་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་རྟགས་རིགས་ཟུར་རྒྱན་བློ་གསལ་གཞོན་ནུའི་ཡིད་འཕྲོག་དགའ་སྟེར་ལས། རང་བཞིན་གྱི་རྟགས་ཡང་དག་ལ་ཡང་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་དང། ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་གཉིས། དང་པོ་ལ། རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་འཕེན་པ་དང་རྗས་གཞན་མི་འཕེན་པ་གཉིས། དང་པོ་ལ་ཡང་རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་དངོས་སུ་འཕེན་པ་དང། དེ་ཤུགས་ལ་འཕེན་པ་གཉིས། དེ་གཉིས་སོ་སོའི་མཚན་གཞི་ནི། རྩོལ་བྱུང་དང་པོ་དང། བྱས་པ་གཉིས་པ་ཡིན་ལ། སྒྲུབ་བྱེད་ནི། རྩོལ་བྱུང་ཆོས་ཅན། རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་དངོས་སུ་འཕེན་པའི་དུང་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་བའི་རང་གཞིན་གྱི་རྟགས་ཡང་དག་ཡིན་ཏེ། རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་དངོས་སུ་འཕེན་པ་གང་ཞིག དུང་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་རྩོལ་བ་དངོས་སུ་འཕེན་པ་གང་ཞིག རྩོལ་བ་རྩོལ་བྱུང་དང་རྫས་གཞན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
Domain | ཚད་མ། |
{{#arraymap:རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་དངོས་སུ་འཕེན་པའི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་
|; |@@@ | | }}