73163

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་ཤུགས་ལ་འཕེན་པའི་ཁྱད་པར་ལྟོས་པ་པོའི་རང་བཞིན་གྱི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་ཤུགས་ལ་འཕངས་བ་ཡང་ཡིན། རང་གི་ཁྱད་ཆོས་ཀྱང་ཡིན་པའི་གཞི་མཐུན་པ་སྲིད་པ་ཡང་ཡིན། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཀྱང་ཡིན་པ་དེ་ལ་། རང་ཞེས་བརྗོད་པའི་སྒྲའི་རང་གི་ཁྱོད་ཆོས་རང་དང་རྫས་གཞན་ཤུགས་ལ་འཕེན་པའི་ཁྱད་པར་ལྟོས་པ་པོའི་རང་བཞིན་གྱི་རྟགས་ཡང་དག་ཞེས་ཟེར་བ་ཡིན་ཏེ། དགའ་བྱང་རྟགས་རིགས་མཐའ་དཔྱོད་ལས། རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་འཕེན་པའི་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་པོའི་རང་བཞིན་གྱི་རྟགས་ཡང་དག་དང། རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་མི་འཕེན་པའི་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་པོའི་རང་བཞིན་གྱི་རྟགས་ཡང་དག་གཉིས། དང་པོ་ལ། རང་ཞེས་བརྗོད་པའི་སྒྲའི་རང་གི་ཁྱོད་ཆོས་རང་དང་རྫས་གཞན་དངོས་སུ་འཕེན་པ་དང་། དེ་ཤུགས་ལ་འཕེན་པ་གཉིས། མཚན་གཞི་ནི། རྩོལ་བྱུང་དེ། དུང་སྒྲ་མི་རྟག་པར་སྒྲུབ་པའི་དང་པོ་ཡིན། བྱས་པ་དེ་རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་ཤུགས་ལ་འཕེན་པའི་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་པོའི་རང་བཞིན་གྱི་རྟགས་ཡང་དག་དང་ཞེས་གསུངས་པའི་ཕྱིར། །
Domain ཚད་མ།

{{#arraymap:རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རང་དང་རྫས་གཞན་ཤུགས་ལ་འཕེན་པའི་ཁྱད་པར་ལྟོས་པ་པོའི་རང་བཞིན་གྱི་རྟགས་ཡང་དག་

|; |@@@ | | }}