73173

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་འཇུག༌བྲལ་གྱིས་དབྱུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དབྱུང་བའི་བློ་སྔོན་དུ་མེད་པར་བྱིན་རླབས་རང་ཞིག་ཏུ་སོང་བ་དེ་ལ་རང་འཇུག༌བྲལ་གྱིས་དབྱུང་བ་ཞེས་པ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དབྱུང་བའི་བློ་སྔོན་དུ་མེད་པར་བྱིན་རླབས་རང་ཞིག་ཏུ་སོང་བ་རང་འཇུག༌བྲལ་གྱིས་དབྱུང་བ་དང་། ཞེས་གསུངས། ཡང་དེ་ཉིད་ལས། དང་པོ་ལའང་གཉིས་ཡོད་དེ། དགེ་འདུན་ཐམས་ཅད་ཀྱི་རང་འཇུག༌བྲལ་གྱིས་དབྱུང་བ་དང་། གང་ཟག་སོ་སོའི་རང་འཇུག༌བྲལ་གྱིས་དབྱུང་བ་གཉིས་སུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།