73198
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁ་ནང་ཁོ་ནར་ཕྱོགས་པའི་འཛིན་རྣམ་ཡན་གར་བ། དེ་ལ་དབྱེ་ན། ཚད་མ། དཔྱད་ཤེས། སྣང་ལ་མ་ངེས་པ་དང་གསུམ་ཡོད། |
Example | སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ལྟ་བུའོ། ། |
Domain | ཚད་མ། |
{{#arraymap:རང་རིག་མངོན་སུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རང་རིག་མངོན་སུམ་གྱི་མཚན་ཉིད་ནི། རང་གི་ངོ་བོ་རིག་པ་ནི། །མངོན་སུམ་ཡིན་པར་མཁས་རྣམས་བཞེད། །ཞེས་བྱ་བ། རང་རིག་མངོན་སུམ་གྱི་མཚན་ཉིད་ནི། ཤེས་པ་རང་གི་ངོ་བོ་ལ་མ་འཁྲུལ་བའོ། །དེ་ཉིད་ཚད་མའི་མཚན་ཉིད་ཀྱང་ཡིན་ནོ། །རང་རིག་པའང་རིག་བྱ་རིག་བྱེད་དུ་ཕྱེ་བའི་རང་རིག་པ་མ་ཡིན་གྱི། བེམ་པོ་ལས་ལོག་ནས་རིག་པར་སྐྱེས་པ་ཙམ་དེ་ཉིད་ཡིན་ཏེ། རྣམ་ཤེས་བེམ་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། བེམ་མིན་རང་བཞིན་གང་ཡིན་པ། །དེང་༼དེ་༽འདིར་བདག་ཉིད་རིག་པ་ཡིན། །ཞེས་རྒྱན་ལས་གསུངས་པ་ལྟར་རོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། རང་རིག་དང་། རང་རིག་མངོན་སུམ་དང་། རང་རིག་མངོན་སུམ་ཚད་མ་ལ་ཁྱད་པར་མེད་དོ། །རང་རིག་པའང་རིག་བྱ་རིག་བྱེད་གཉིས་སུ་ཕྱེ་བའི་རང་རིག་པ་མ་ཡིན་གྱི་བེམ་པོ་ལས་ལོག་ནས་རིག་པར་སྐྱེས་ཙམ་དེ་ཉིད་ཡིན་ནོ། །དེས་ན་རང་རིག་གི་ཡུལ་མེད་དོ། །ཞེས་ཀུན་མཁྱེན་གཡག་སྟོན་གྱི་འོད་སྟོང་འཕྲོ་བ་ལས་སོ། ། རང་རིག་མངོན་སུམ་གྱི་མཚན་ཉིད་ནི། རང་གི་ངོ་བོ་ཡོངས་སུ་གཅོད་པར་བྱེད་པའི་འཛིན་རྣམ། མཚན་གཞི་ནི། ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ཀྱང་། རང་ལྡོག་ནས་རང་རིག་མངོན་སུམ་མ་ཡིན་པས། ཤེས་པ་ཐམས་ཅད་ཀྱིས་མྱོང་བ་གསལ་རིག་གི་ཆ་དེ། རང་རིག་མངོན་སུམ་གྱི་མཚན་གཞི་ཡིན་ལ། དེ་ལ་གཉིས་སྣང་དང་བཅས་པ་དང་། གཉིས་སྣང་མིན་པའི་རང་རིག་མངོན་སུམ་གཉིས་ལས། དང་པོ་ནི། བློ་གཅིག་ཉིད་གཟུང་རྣམ་དང་འཛིན་རྣམ་གཉིས་སུ་སྣང་བ་ན། གཟུང་བར་སྣང་བ་མྱང་བྱ་དང་། འཛིན་པར་སྣང་བ་མྱོང་བྱེད་དུ་སྣང་བའི་གནས་སྐབས་སུ་སྣང་བའི་རང་རིག་དེ་ཉིད་ཡིན་ལ། གཉིས་པ་ནི། ཤེས་པ་ཐམས་ཅད་ཀྱི་སྟེང་གི་རང་གི་ངོ་བོ་མྱོང་ཙམ་དུ་སྐྱེས་པའི་ཆ་དེ་ཉིད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
{{#arraymap:རང་རིག་མངོན་སུམ་
|; |@@@ | | }}