73201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་རིག་མི་བཞེད་པའི་རྒྱུ་མཚན་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཐལ་འགྱུར་པ། དགེ་ལུགས། རང་རིག་ཁས་མི་ལེན་པ་དེ། རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཁས་ལེན་པ་ལ་ཐུག་པ་ཡིན་ཏེ། དེ་ཁས་ལེན་པ་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པ་ལ་ཐུག་པའི་ཕྱིར་ཏེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། རང་རིག་འདོད་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་བླངས་པ་ལ་ཐུག་པ་ཡིན་ཏེ། སྔོན་པོ་གཞལ་སྟོབས་ཀྱིས་སྔོན་འཛིན་དབང་པོའི་མངོན་སུམ་གྲུབ་ཅེས་པ་ཙམ་གྱིས་མ་ཚིམ་པར་བརྟགས་དོན་བཙལ་བའི་ཚེ་ན། ཁ་ནང་ཁོ་ན་ལ་ཕྱོགས་ཤིང༌། གཉིས་སྣང་ཐམས་ཅད་དང་བྲལ་བའི་འཛིན་རྣམ་ཡན་གར་བ་ཞིག་གིས་གྲུབ་པར་ཁས་ལེན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རང་རིག་མི་བཞེད་པའི་རྒྱུ་མཚན་

|; |@@@ | | }}